དྲ་ཚིགས།

༄༅།།        ནམ་ཞིག་སེམས་པ་བག་ཕེབས་སུ་འགྱུར་ན། གཞན་གྱི་རིན་ཐང་ཡང་རང་བཞིན་གྱིས་ཤེས་ཤིང་སྙིང་རྗེ་དང་གཞན་ཕན་གྱི་བསམ་པ་ཡང་ངང་གིས་འཕེལ་འོང།            

ནང་ཆོས་ནི་སེམས་ཅན་ཀུན་གྱིས་དོན་དམ་པའི་བདེ་སྐྱིད་དང་སོ་སོའི་ནུས་སྟོབས་ཡོངས་སུ་རྫོགས་པར་ཐོབ་པར་དམིགས་པའི་ཁ་ཡོད་ལག་ཡོད་ཀྱི་རིག་གཞུང་ཁྱད་འཕགས་ཤིག་ཡིན།     

ལོ་ངོ་༢༥༠༠ སྔོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་བཟུང། སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་ཤིང། ཞི་བདེའི་ལྟ་གྲུབ་དང་ཞི་འདུལ་བག་ཕེབས་ཀྱི་ཉམས་ལེན་གྱི་ཐབས་ལམ། གཞན་ཕན་གྱི་བསམ་པ་རྣམས་དགེ་བའི་བཤེས་གཉེན་དང་ཉམས་ལེན་པ་དུ་མའི་རྒྱུད་པ་ཟམ་མ་ཆད་པ་ནས་བརྒྱུད་དེ་འོང།

རིན་ཐང་གཞན་དུ་མེད་པའི་རྒྱུ་ནོར་འདི་ནི་འགྲོ་བ་མིའི་རིགས་ལ་དབང་བས་རང་ཉིད་ཀྱི་སེམས་ཁམས་འདུལ་ཞིང་ནུས་པ་གོང་འཕེལ་གཏོང་བ། ཕ་མ་དང་ཁོར་ཡུག་སོགས་ཀྱི་འབྲེལ་ལམ་སོགས་ཡར་རྒྱས་གཏོང་བར་འདོད་མཁན་ཀུན་ལ་ཉེ་བར་མཁོ་བ་ཞིག་ཡིན།

དབྱེན་འདུམ་དང་རིས་མེད་མཆོད་རྟེན་གྱི་མཚོན་རྟགས་ཅན་གྱི་སྒྲུབ་གྲྭ་འདི་ནི་ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ལེན་དང་དམིགས་འཁྲིད། ཞི་བདེ་སྒྲུབ་ཐབས་ཀྱི་བྱེད་སྒོ་སོགས་སྤེལ་བའི་གྲུབ་མཐའ་རིས་སུ་མ་ཆད་པའི་སྡིངས་ཆ་གལ་ཆེན་ཞིག་ལགས་སོ།།