དྲ་ཚིགས་ངོ་སྤྲོད།

༄༅། །  ལས་གཞི་འདི་ནི་བླ་མ་ཀརྨ་ཆོས་མཚོའི་བཀའ་སློབ་ལམ་སྟོན་དང་རིས་སུ་མ་ཆད་པའི་ནང་པའི་ཆོས་ཚོགས་ཁག དེ་བཞིན་རིག་གཞུང་མ་འདྲ་བའི་ཆོས་གྲོགས་དང་ཉམས་ལེན་པ་རྣམས་ཀྱི་ཐུགས་འཁུར་དང་འབད་བརྩོན་ལ་བརྟེན་ནས་མངོན་དུ་འགྱུར་བཞིན་པ་ལགས་སོ།

དཔལ་སྤུངས་ལི་མའི་ཆོས་གླིང།

པེ་རུའི་ལི་མའི་ས་གནས་སུ་ཆགས་པའི་ཆོས་ཚོགས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བོད་རྒྱུད་ནང་བསྟན་གྱི་ཀརྨ་བཀའ་བརྒྱུད་པའི་ཉམས་ལེན་ཚོགས་པ་བླ་མ་ཆོས་མཚོའི་ལམ་སྟོན་འོག་སྒོམ་གྲུབ་ཀྱི་ཉམས་ལེན་དང་གཏམ་བཤད། མཚམས་སྒྲུབ་དང་ཟབ་སྦྱོང་སོགས་གོང་འཕེལ་གཏོང་བཞིན་ཡོད།

དཔལ་སྤུངས་དྲ་རྒྱའི་ངོས་འདི་ནས་ལྟ་ཐུབ།  kagyuperu.com

ཨ་རི་ནང་པའི་གུ་ཡངས་ཤེས་རྟོགས་ཆོས་ཚོགས།

གུ་ཡངས་ཤེས་རྟོགས་ཆོས་ཚོགས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་བཅོལ་ཀྱི་ས་གནས་ཞིག་ཡིན་པས། གུས་ཡངས་ཤེས་རྟོགས་ཀྱི་དགེ་འདུན་འདུས་ཚོགས་རྣམ་པས་སེམས་ཅན་ལ་ཕན་པའི་ཀུན་སློང་ཉག་ཅིག་གིས་མི་ཆོས་དང་དྲང་བདེན། བརྩི་བཀུར་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཕེབས་པར་དགའ་བསུའི་ཁོར་ཡུག་གཅིག་སྐྲུན་བཞིན་ཡོད།           

ངོས་འདི་ནས་ལྟ་ཐུབ། miamibuddhism.org

པེ་རུ་དགེ་ལུགས་ནང་པའི་ཆོས་ཚོགས།

པེ་རུ་བོད་རྒྱུད་ནང་བསྟན་གྱི་དགེ་ལུགས་ཆོས་ཚོགས་འདི་ནི་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོའི་དངོས་སློབ་འཕགས་སྐྱབས་རིན་པོ་ཆེས་དབུ་འཁྲིད་མཛད་བཞིན་ཡོད།

འདི་ནས་ངོ་དེབ་འབྲེལ་མཐུད་གནང་ཐུབ།

བླ་མའི་མཆོད་རྟེན་ཆོས་ཚོགས།

གཞུང་འབྲེལ་མ་ཡིན་པའི་ཆོས་ཚོགས་འདི་ཡི་དམིགས་ཡུལ་ནི་སྒྲུབ་གྲྭ་དང་མཆོད་རྟེན་ཁོར་ཡུག་སྲུང་སྐྱོབ་དེ་བཞིན་ཉེ་འདབས་ཀྱི་ཚོགས་པ་བརྟན་ཚུགས་དང་གནས་སྡོད་མི་སྣའི་བར་འཆམ་མཐུན་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་སོགས་ཡིན།